相思的故事是一個悲傷的故事

དྲན་གདུང་གི་གཏམ་རྒྱུད་ནི་སྐྱོ་མོ་སྐྱོ་མོ་ཞིག་རེད།

ཁྱོད་ཀྱིས་ཤེས་སམ།  ཡིད་གཅོང་ཁུར་བའི་ཉིན་ཞག་ནི་ཧ་ཅང་ཆོད་ཐབས་མེད་པ་ཞིག་རེད།  དུས་ཚོད་དང་སྐར་ཆ་རེ་རེ་ཧ་ཅང་རིང་ལ་རྫོགས་རྒྱུ་མེད་པ་ཞིག་རེད།  གཉིད་ན་གཉིད་མི་ཁུག་ལ་བསྡད་ཀྱང་སྡོད་མི་ཚུགས་པ་ཞིག་ཀྱང་རེད།  སྙིང་འདར་ཡོང་གི  སེམས་འཁྱག་ཡོང་ཀི  མིག་ཆུའང་མི་ཟད་པའི་གཏེར་ལྟར་དུ། ཡང་ན། གངས་ལས་ཆུ་མིག་བརྡོལ་བ་བཞིན་དུ་མཁུར་མགོ་ནས་རང་དབང་མེད་པར་བཞུར་ཡོང་གི  མིག་ཆུ་རེ་རེའི་ནང་དུ་དྲན་གདུང་ཟེར་བའི་ཡིག་འབྲུ་འགའ་འབབ་ཡོང་ཀི  ཡིག་འབྲུ་དེ་དག་རྩ་རྒྱུས་ལ་ཟུག་ནས་ཁྲག་རྩ་ཧྲིལ་བོར་ཁྱབ་རྗེས་ལུས་ཡོངས་རྫོགས་གློ་བུར་ཏུ་སྦྲིད་འགྲོ་ཀི  དེ་ལྟར་ལོ་ཟླ་ཁ་ཤས་སོང་བ་ན་ངས་དགའ་བ་ནི་འཛོམས་དུས་ཀྱི་བདེ་སྐྱིད་ཅིག་དང་བྲལ་དུས་ཀྱི་སྡུག་བསྔལ་ཞིག་ཡིན་པའང་གཞི་ནས་ཤེས་ཡོང་།

你明白嗎?這個令人痛心的日子是很難熬的。每一分一秒都是很長很長很短的。睡不着覺也是坐立不安。心悸,心冷,淚如雨下。或者說,雪裏冒出一滴泉水,從眼角不由自主地流了出來。每隔幾下,我就會流進幾個字:思念。才知道愛是一種離開時的幸福。

ཁྱོད་ཀྱིས་ཤེས་སམ།  རེ་སྒུག་གི་ལོ་ཟླ་ནི་མུན་ནག་གི་གཙང་བོ་ཆེན་པོ་ཞིག་དང་ཧ་ཅང་འདྲ་ལ་ལོ་ཟླ་དེ་དག་ནི་འཇིག་རྟེན་ལ་སྙིང་བོ་མེད་པའི་དུས་ཚིགས་ཤ་སྟག་ཀྱང་རེད།  འདང་གི་རུ་མ་འཁྱིལ་བའི་ན་གཞོན་ཕོ་མོ་གཉིས་ཀྱི་མི་ཚེ་དྲན་གདུང་ཁོ་ནས་བསྐྱལ་དགོས་པའི་ལན་ཆགས་ནི་ངས་སུ་ཞིག་ལ་ཆད་པ་ཡིན་ཨང་།  དེ་ནི་དངོས་གནས་བཟོད་ཐབས་མེད་པའི་བུ་ལོན་ཞིག་རེད་འདུག  ཨ་ཐང་ཆད་པའི་དུས་སུ་ངས་ཁོ་མོ་ཞེ་ལ་འཁོར་ཡོང་།  དྲན་གདུང་གི་མིག་ཆུ་ནང་སེམས་སུ་བཞུར་ཡོང་དུས་ངའི་མིག་ཆུ་རེ་རེ་ནི་ཁོ་མོའི་མཛེས་སྡུག་རེ་རེ་ཡིན་ལ།  ཁོ་མོའི་མཛེས་སྡུག་རེ་རེ་ནི་ཉི་ཟླས་ང་ལ་གནང་བའི་གསོན་ངོགས་ཀྱི་ལེགས་སྐྱེས་ཡགས་ཤོས་ཤིག་ཀྱང་ཅི་ལ་མིན།  དེ་ལྟར་ལོ་ཟླ་ཁ་ཤས་འགོར་བ་ན་ངས་དྲན་པ་ནི་གཞུང་གཅིག་ལ་འདྲེས་པའི་སེམས་པ་གཉིས་སྦྲེལ་བྱེད་ཀྱི་གཟུང་ཐག་ཅིག་ཡིན་པའང་ཚོར་ཡོང་།

你知道嗎?等待的歲月就像一條黑暗的大河,那些歲月也是世界上最枯燥的時光。我欠誰一個人情那是一筆無法忍受的債務,當我絕望的時候,我就會想起她。當相思的淚水湧進內心時,我的每一滴眼淚都是她的一個美麗。她的每一個美麗,都是生活送給我最好的活生生的禮物。這樣過了幾個月,我才意識到,記憶是一個把兩顆心連在一起的繩索。

ཁྱེད་ཀྱིས་ཤེས་སམ།  དྲན་པ་ཁུར་བའི་ལོ་ཟླ་ནི་གཏམ་རྒྱུད་སྐྱོ་མོ་སྐྱོ་མོ་ཧ་ཅང་མོད་བའི་དུས་ཚོད་ཅིག་ཡིན། གཏམ་རྒྱུད་དེ་དག་ནི་མི་རྣམས་ཀྱིས་ཟླ་བར་བཤད་ཅང་ཉི་མར་གླེང་། ད་དུང་ཐ་མག་རྐང་གཅིག་དང་ཆང་རག་ཕོར་གང་སོགས་ལའང་བཤད་སྲིད།  དེ་ནི་འུ་ཐུག་ཐབས་ཟད་ཀྱི་ལས་ཁོ་ནར་འགྲེལ་ན་ག་ལ་འགྲིག  སྐྱོ་ཤས་ཀྱི་གཏམ་རྒྱུད་དེ་དག་ནི་ངས་ཧ་ཅང་བློར་བབས་པ་ཞིག་སྟེ།  དེ་ནི་དྲན་གདུང་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས། ཧ་ཅང་ཁོ་མོ་དྲན་དུས་སུ་ངའང་ཅི་བྱ་བརྟོལ་མེད་དུ་གྱུར་འགྲོ། གཙང་ཆེན་རགས་ལས་ཤོར་བ་ལྟར་ངའི་སེམས་པ་འདི་འགོག་ཐབས་མི་འདུག  ཉིན་དང་ཞག་མ་ལོ་དང་ཟླ་བ་འཛུབ་རྩེར་བགྲང་བའི་དྲན་གདུང་ནི་དངོས་གནས་བཟོད་དཀའ་བའི་དྲན་གདུང་གི་གཏམ་རྒྱུད་སྐྱོ་མོ་སྐྱོ་མོ་ཞིག་རེད་ཨང་།  ངས་འདི་ལྟར་དྲན་གདུང་གི་ལོ་ཟླ་བདག་གིར་བྱས་ནས་མི་ལོ་ཁ་ཤས་འགོར་བ་ན་དྲན་གདུང་ནི་རེ་བ་མང་པོ་ཞིག་གི་འཇུ་རྟེན་ཉག་གཅིག་ཡིན་པའང་གསལ་ལེར་རྟོགས་ཡོད

།您知道嗎?記憶中的歲月是一個悲傷的故事很漫長的時光。那些故事是人們在講月亮降臨。還會說一支菸、一杯酒等等。那些慘痛的故事,我是很喜歡的。這都是關於記憶的,一想到她我就不知所措了。正如大江南北的失落一樣,我無法阻止這顆心與心之間的牽掛,這真是一個難以忍受的悲傷和悲慘的故事。我這樣留戀歲月,日子一天天過去了,我就清楚地意識到,思念是很多希望的唯一支柱。

發表評論
所有評論
還沒有人評論,想成為第一個評論的人麼? 請在上方評論欄輸入並且點擊發布.
相關文章